ཆུ་ལ་ཡིག་ཆུང་བསྐུར་བས།

ཆུ་ལ་ཡིག་ཆུང་བསྐུར་བས།
གཏམ་ལ་གསལ་ཆ་མ་བྱུང་།
འོན་ཀྱང་ཆུ་ནང་ཉ་མོས།
ཐུགས་ལ་བཞག་རོགས་གནང་དང་།
ཀོ་བ་ཕྲེད་ལ་བཏང་བས།
ཆུ་མོའི་གཞུང་ལ་འཁྱེར་སོང་།
གང་ལྷར་འཁྱེར་ནི་འཁྱེར་ཞིང་།
ལས་འཕྲོའི་ཕྱོགས་ལ་འཁྱེར་ཅིག
རྟ་ཕོ་འགྲོ་གིན་འགྲོ་གིན།
རྟ་ཕོས་ཕྱི་བལྟས་སློག་གི།
རྟ་ཕོ་ཐུགས་ཁག་མི་འདུག
ཆག་གི་ཟས་འཕྲོ་ལུས་བཞག
སེམས་པས་ལུས་པོ་མ་བཞག
ཉིན་ལ་ཕྱི་ལ་ཕྱིན་པས།
སེམས་དང་སེམས་པ་མཐུན་ནས།
ཆུ་མོའི་ཁ་ལ་མཇལ་བྱུང་།
ཀོ་བ་ཕྲེད་ལ་བཏང་བས།
ཆུ་མོའི་གཞུང་ལ་འཁྱེར་སོང་།
གང་ལྷར་འཁྱེར་ནི་འཁྱེར་ཞིང་།
ལས་འཕྲོའི་ཕྱོགས་ལ་འཁྱེར་ཅིག
རྟ་ཕོ་འགྲོ་གིན་འགྲོ་གིན།
རྟ་ཕོས་ཕྱི་བལྟས་སློག་གི།
རྟ་ཕོ་ཐུགས་ཁག་མི་འདུག
ཆག་གི་ཟས་འཕྲོ་ལུས་བཞག