ཆུ་སྒང་དྲན་གླུ།
མི་ཚེ་གཅིག་གི་ལོ་རྒྱུས།
བོད་སྐྱིད་པའི་ཉི་མ་ཤར་སྐབས།
ཕོ་མོ་ཉི་ཤུ་རྩ་གཅིག
ཕོ་ང་འདྲ་ལུང་ལ་མེད་བསམས།
རྟ་རག་དཀར་གསེར་སྒ་བརྒྱབ་ཡིན།
གྲི་ཡི་ཟི་སྐེད་གྲི་བཏགས་ཡིན།
མདའ་ཉག་ཕྲན་ལག་ཏུ་བཟུང་ཡིན།
ཕ་ཡུལ་དང་ཕ་མ་བཞག་ཡིན།
ཕ་ཡུལ་ཕྱོགས་ནས་ཡོང་དུས།
ལོ་ཆུང་ཚེ་རིང་ལགས།
དམན་བུ་མོ་བློ་སེམས་སྡུག་ཐལ།
ཆུང་ལ་ཡིན་བསམ་རོང་།
བློ་སེམས་སྡུག་རྒྱུ་མི་ཉེན།
ལོ་ཆུང་ཚེ་རིང་ལགས།
ང་ལོ་གསུམ་ཕ་ཡུལ་ལོག་འོང་།
ཆུང་ལ་ཡིན་བསམ་རོང་།
ངས་དམག་གཅིག་དགྲ་ལ་བརྒྱབས་ཡིན།
ལུས་སྲོག་འབེན་ལ་བཙུགས་ཡིན།
གྲོགས་ཤ་ཉེ་དུར་ཁྲོད་བསྐྱལ་ཡིན།
སེམས་སྐྱོ་བ་ཡུལ་སྟོང་དར་རྩི།
རྟ་རག་དཀར་ང་གཉིས་བྲལ་ཐལ།
སྒ་གསེར་སྒ་ཡོད་ཀྱང་ཅི་ཕན།
བྱང་མི་མེད་ཡུལ་དེར་ལུས་ཐལ།
སེམས་སྐྱོ་བ་ཉིན་མཚན་དུས་དྲུག
ལོ་གསུམ་ལོ་བཞི་འགྲོ་སོང་།
ལོ་ཆུང་ཚེ་རིང་ལགས།
ང་མི་ཡུལ་ས་མཐའ་སླེབས་སོང་།
ཆུང་ལ་ཡིན་བསམ་རོང་།
ངའི་སེམས་པ་ཕ་ཡུལ་ལུས་ཐལ།
ཆུང་ལ་ཡིན་བསམ་རོང་།
གློ་ཆུ་མིག་བརྒྱ་རྩ་བསྡད་ཡིན།
ལོ་ཆུང་ཚེ་རིང་ལགས།
བདག་མེད་འཁྱམ་པོའི་གྲས་ཡིན།
ཆུང་ལ་ཡིན་བསམ་རོང་།
སེམས་པ་སྡུག་ཡས་མི་འདུག
ལོ་ཆུང་ཚེ་རིང་ལགས།
མི་ཚེ་སྟོང་པའི་ལོ་རྒྱུས།
ཆུང་ལ་ཡིན་བསམ་རོང་།