ཆོས་ཀྱི་ཉི་མ།

འཛམ་གླིང་ཉི་ཟླ་གཉིས་ཀྱི་ལྷ་རྒྱལ།
ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ།
གངས་ཕྲུག་བོད་མི་ཡོངས་ཀྱིས་སྐྱབས་གནས།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ།
བོད་མི་བདེ་དོན་ཆེད་དུ།
ཞུམ་མེད་ཁྱེད་ཀྱི་སྙིང་སྟོབས་ནི།
གངས་མཐོན་མཐིང་རྒྱལ་མོ་ལས་མཐོ་བ།
གཞིས་བྱེད་བོད་མིའི་སེམས་ཁམས།
ཁྱོད་ཀྱི་ཕྱོགས་ལ་ཕུལ་ལ་ཡོད།
སྐུ་ཚེ་རྡོ་རྗེའི་ཁམས་སུ།
མི་ནུབ་བརྟན་པར་བཞུགས་ལ་མཛོད།
འཛམ་གླིང་མི་དམངས་ཚང་མས།
སྙིང་ནས་བརྩེ་སེམས་ཡོད་ན།
རྒྱལ་སྲས་ཟླ་བ་གཞོན་ནུ།
དམར་པོའི་འཕྲང་ནས་བཏོན་ལ་ཤོག