ཆོལ་ཁ་ཆོས་ལུགས་མ་རྩོད།
ཨ་ཙི་བོད་མི་གསོན་དང་།
ཆོལ་ཁ་ཆོས་ལུགས་མ་རྩོད།
ཆོལ་ཁ་ཆོས་ལུགས་མ་རྩོད་ན།
རང་བཙན་ག་ལ་ལེན་ཐུབ།
ཨ་ཙི་བོད་མི་གསོན་དང་།
ས་སྐྱ།
རྙིང་མ།
བཀའ་བརྒྱུད།
དགེ་ལུགས།
བོན་པོ་ཚང་མ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡིན་ནོ།
ཤ་ཁྲག་གཅིག་པའི་སྤུན་ཟླ།
རང་དོན་ཁོ་ནར་མ་བསམས།
ཆིག་བསྒྲིལ་སེམས་ཀྱི་དམ་བཅའ།
མ་བརྗེད་ཡིད་ལ་ཞོག་དང་།
༧སྤྱི་ནོར་༧གོང་ས་ཆེན་པོས།
ཅི་གསུངས་བཀའ་བཞིན་བསྒྲུབ།
བོད་རིགས་སྤུན་ཟླ་ཕོ་མོ།
གཅིག་ཏུ་བསྒྲིལ་ནས་ལོངས་ཤོག