ཆོས་སྒྲོན་ལགས།
སྣང་བའི་ཡུལ་ལ་སྲིད་ཡ་མེད་པའི།
སྐྱེད་བྱུང་སྣང་བྱུང་དགའ་སྡུག་སེམས་འཁྲལ།
མཉམ་ཡོད་མ་དྲན་བྲལ་དུས་དྲན་བྱུང་།
ཆོས་སྒྲོན་ལགས།
ང་ཁྱེད་རང་དྲན་གྱི་འདུག
ཆོས་སྒྲོན་ལགས།
ང་ཁྱེད་རང་མཱིས་བྱེད་ཀྱི་འདུག
ཁྱེད་ཀྱིས་བྱམས་སེམས་བརྩེ་བ་གནང་དུས།
སེམས་དང་སྣང་བ་ལྷགས་པས་འཁྱེར་ནས།
རང་དབང་མེད་པ་ལས་འདི་བྱུང་སོང་།
ཆོས་སྒྲོན་ལགས།
ང་ཁྱེད་རང་མཱིས་བྱེད་ཀྱི་འདུག
དེ་འདྲ་ཐུག་ཡོང་བསམ་པ་མ་བྱུང་།
དེ་འདྲ་བྱུང་ཡོང་བསམ་པ་མ་བྱུང་།
དེ་འདྲ་མཇལ་ཡོང་བསམ་པ་མ་བྱུང་།
དེ་འདྲ་ཆགས་ཡོང་བསམ་པ་མ་བྱུང་།