མཆོད་རྟེན་བྲག་སྒོ་ཀཀྣི།
པོ་ཏ་ལ་ནས་བལྟས་པས།
བྲག་སྒོ་ཀཀྣི་དྲན་བྱུང་།
ལུང་པར་རྒྱལ་སྒོ་མེད་དུས།
ང་རེའི་སེམས་པ་སྐྱོ་བྱུང་།
མཆོད་རྟེན་བྲག་སྒོ་ཀཀྣི།
ལྷ་ལྡན་མཛེས་པའི་རྒྱན་རེད།
མཆོད་རྟེན་བཞེངས་རོགས་གནང་དང་།
ཞལ་འདེབས་ང་རེས་འབུལ་ཆོག
བ་མ་རི་ནས་བལྟས་པས།
བྲག་སྒོ་ཀཀྣོ་དྲན་བྱུང་།
དྲོ་སྐྱིད་ཉི་མའི་འོད་ཟེར།
དམངས་ཀྱི་སེམས་པ་མཐུན་སོང་།
མཆོད་རྟེན་བྲག་སྒོ་ཀཀྣི།
མཆོད་རྟེན་བྲག་སྒོ་ཀཀྣི།
ལྷ་ལྡན་མཛེས་པའི་རྒྱན་རེད།
མཆོད་རྟེན་བཞེངས་རོགས་གནང་དང་།
ཞལ་འདེབས་ང་རེས་འབུལ་ཆོག