མཆོད་ཆང་སྦྲང་རྩིའི་ཉིང་ཁུ།
མཆོད་ཆང་སྦྲང་རྩིའི་ཉིང་ཁུ།
སྟེང་ཕྱོགས་ལྷ་ལའང་མི་འདུག
ཞལ་གང་གནང་བ་ཙམ་གྱིས།
རེ་བའི་འབྲས་བུ་སྨིན་སོང་།
དགའ་དགའ་སྤྲོ་སྤྲོ་གནང་དང་།
སྐྱིད་པའི་རྩ་བ་ཚུགས་སོང་།
མཆོད་ཆང་དངུལ་ཕོར་སྟེང་ལ།
སྨོན་ཚིག་ལན་གསུམ་བརྗོད་ཡོད།
ཞལ་གང་གནང་བ་ཙམ་གྱིས།
སེམས་པའི་རེ་བ་བསྒྲུབས་སོང་།
དགའ་དགའ་སྤྲོ་སྤྲོ་གནང་དང་།
སྐྱིད་པའི་རྩ་བ་ཚུགས་སོང་།