གཅིག་པོའི་མི་ཚེ།
གཅིག་པོའི་མི་ཚེ་སྐྱེལ་དགོས་བྱུང་ན།
དོན་དམ་མེད་བའི་མི་ཚེ་སྟོང་པ།
བསོད་ནམས་མེད་པའི་མི་ཚེ་འདི་ལ།
རྒྱུས་ཡུལ་མེད་པའི་གཞན་ཡུལ་སླེབས་སོང་།
ཀྱག་ཀྱོག་མི་ཚེ་འདིའི་ནང་ལ།
དཀོན་མཆོག་གསུམ་གྱིས་ཐུགས་རྗེས་གཟིགས་ནས།
ད་ལྟ་བུ་ང་ལོག་ནས་སླེབས་ཡོད།
ཁྱེད་རྣམས་ཡང་བསྐྱར་མཇལ་བ་དགའ་བྱུང་།
ངས་ཕྱིན་པའི་ལམ་དེ་ནོར་བ་མེད།
ང་ལོག་ནས་ཡོང་ཡོད།
ཆ་རྒྱུས་མེད་པའི་གཞན་ཡུལ་དེའི་ནང་།
འཁྲུག་ཆ་ལྡན་པའི་མི་རྣམས་མཐོང་དུས།
རང་སེམས་མི་ཆགས་མི་ཚེར་སྙིང་པོ་མི་འདུག
ལུས་སེམས་གཉིས་ཀ་ཆགས་པ་མི་འདུག
ཟང་ཟིང་སྤྱི་ཚོགས་དེའི་ནང་ལ།
གཅིག་པོའི་མི་ཚེ་སྐྱེལ་དུས་སྙིང་པོ་མི་འདུག
འཇིག་རྟེན་སྤྱི་ཚོགས་འདིའི་ནང་ལ།
ལས་འབྲས་བཏང་སྙོམས་མེད་པ་དེ་ལ།
དཀོན་མཆོག་ཐུགས་རྗེ་གཟིགས་ནས་བུ་ང་ལོག་ཡོད།