ཅིམ་ཅིམ་ལྷ་མོ།
དེ་རིང་འཛོམས་འཛོམས་འདི་ཡི་ནང་།
ཅིམ་ཅིམ་ལྷ་མོ་མང་པོ་འདུག
མཛེས་སྡུག་ལྡན་པའི་ཅིམ་ཅིམ་ལྷ་མོ།
ང་ཡི་མཉམ་དུ་གཞས་འདི་གཏང་།
ང་ཚོ་ཚང་མས་གླུ་འདི་མཉམ་དུ་ལེན།
དེ་རིང་འཛོམས་འཛོམས་འདི་ཡི་ནང་།
ཕོ་གཞོན་དར་མ་མང་པོ་འདུག
སྟག་ཤར་གཞོན་པའི་ཕོ་གཞོན་དར་མ།
ང་ཡི་མཉམ་དུ་གཞས་འདི་གཏང་།
ང་ཚོ་ཚང་མས་གླུ་འདི་མཉམ་དུ་ལེན།
དེ་རིང་འཛོམས་འཛོམས་འདི་ཡི་ནང་།
རྒན་གཞོན་ཕོ་མོ་མང་པོ་འདུག
སྣང་བ་སྐྱིད་པའི་རྒན་གཞོན་ཕོ་མོ།
ང་ཡི་མཉམ་དུ་གཞས་འདི་གཏང་།
ང་ཚོ་ཚང་མས་གླུ་འདི་མཉམ་དུ་ལེན།