ཕྱི་ལོ་ང་དགུ།
ཕྱི་ལོ་ང་དགུ་ལོ་ལ།
ཤར་ནས་སྲིན་པོ་སླེབས་བྱུང་།
ཆོས་ལྡན་ལྷ་ཡི་ཞིང་ཁམས།
སྲིན་པོའི་ཡུལ་ལྟར་བཟོས་སོང་།
ཕྱི་ལོ་དགུའི་ལོ་ལ།
ལན་གཅིག་ཕྱི་མིག་གཟིགས་ནས།
མ་བརྗེད་ཐུགས་ལ་བཞག་ཐོག
རང་ཡུལ་ལེན་པར་བྱེད་དགོས།
ཕྱི་ལོ་ང་དགུ་ལོ་ལ།
ཤར་ནས་སྲིན་བུ་སླེབས་བྱུང་།
ཆོས་ལྡན་ལྷ་ཡི་ཞིང་ཁམས།
སྲིན་བུའི་ཡུལ་ལྟར་བཟོས་སོང་།
ཕྱི་ལོ་དགུའི་ལོ་ལ།
ང་ཚོའི་ཕ་ཡུལ་བོད་དེ།
ཀླ་ཀློ་རྒྱ་དམར་ཇག་པས།
སྡུག་རྩུབ་འོག་ནས་འཕྲོག་སོང་།
ཕྱི་ལོ་དགུའི་ལོ་ལ།
ལན་གཅིག་ཕྱི་མིག་གཟིགས་ནས།
མ་བརྗེད་ཐུགས་ལ་བཞག་ཐོག
རང་ཡུལ་ལེན་པར་བྱེད་དགོས།
ཕྱི་ལོ་ང་དགུ་ལོ་ལ།
ང་ཚོའི་སྐྱིད་པའི་ཕ་ཡུལ།
རིན་ཆེན་ཁེངས་བའི་ལྷ་ས།
ཁྲག་གི་རྒྱུགས་ཆུར་ཁེངས་སོང་།
ཕྱི་ལོ་དགུའི་ལོ་ལ།
སྲིན་པོ་རྒྱ་དམར་གུང་བྲན།
བོད་ཀྱི་དཔའ་བོ་དཔའ་མོ།
གནར་གཅོད་ཚད་མེད་བཏང་སོང་།
ཕྱི་ལོ་དགུའི་ལོ་ལ།
ལན་གཅིག་ཕྱི་མིག་གཟིགས་ནས།
མ་བརྗེད་ཐུགས་ལ་བཞག་ཐོག
རང་ཡུལ་ལེན་པར་བྱེད་དགོས།