ཆང་གཞས།
མཆོད་ཆང་དང་པོ་དང་པོ།
དཀོན་མཆོག་གསུམ་ལ་ཕུལ་ཡོད།
མཆོད་ཆང་སྤྲོ་པོ་མཆོད་རོགས།
བཀྲ་ཤིས་ཡར་འགྲོ་ཡོང་བར་ཤོག
མཆོད་ཆང་གཉིས་པ་གཉིས་པ།
དྲིན་ཆེན་ཕ་མ་གཉིས་ལ་ཕུལ།
མཆོད་ཆང་སྤྲོ་པོ་མཆོད་རོགས།
ཚེ་རིང་ལོ་བརྒྱ་བརྟན་པར་ཤོག
མཆོད་ཆང་གསུམ་པ་གསུམ་པ།
གྲོགས་པོ་རྣམས་ལ་ཕུལ་ཡོད།
མཆོད་ཆང་སྤྲོ་པོ་མཆོད་རོགས།
གཟུགས་ཁམས་བདེ་པོ་ཡོང་བར་ཤོག