ཆང་གཞས།

འཁོར་བ་ཟེར་བ།
ལས་ཀྱི་བྲན་གཡོག་ཡིན་ཡང་།
བདེ་སྡུག་ཟེར་བ།
སེམས་པའི་འཁྱེར་ཕྱོགས་ཡིན་འགྲོ།
སྦུབ་ཟུག་དོགས་པོ་མ་གནང་།
ཐུགས་སེམས་ལྷོད་ལྷོད་གནང་དང་།
ཞིམ་པའི་མཆོད་ཆང་མཆོད་ནས།
དགའ་དགའ་སྤྲོ་སྤྲོ་གནང་དང་།
མཆོད་འཆང་ཞིག་མཆོད།
ཞབས་ཏག་ཞིག་བཀྱོན།
ཚ་ཚ་འུར་འུར་གནང་དང་།
གྲོགས་པོ་ཚོ།
ངའི་སེམས་སྤྲིན་པའི་སྟེང་ལ་བཞག་ཡོད།
གུ་ཡང་པའི་སེམས་པ།
གྲོགས་མོ་ཚོ།
ངའི་སེམས་འཇའ་ཚོན་སྣ་ལྔས་བསྟུམས་ཡོད།
ཚོན་བཀྲ་བའི་སེམས་པ།
དེ་རིང་སེམས་པ།
གུ་ཡང་གུང་སེང་གནང་དང་།
མ་འོངས་ཅི་ཡོང་།
སུས་ཀྱང་ཤེས་ཀྱི་མ་རེད།
སང་ཉིན་གྱི་རྙོག་དྲ་བརྗེད་ནས།
སྒྲ་སྙན་སྙན་པོ་དཀྲོགས་དང་།
སྐྱིད་པའི་གླུ་དངྱངས་བླངས་ནས།
དགའ་དགའ་སྤྲོ་སྤྲོ་གནང་དང་།
གྲོགས་པོ་ཚོ།་་་་་་་་་་་་་་་་་་་་་་་་་