ཆང་གཞས།

ཆང་འདི་འཐུང་།
ངས་འཐུང་འདོད་མེད་ཀྱང་འཐུང་།
སེམས་ནད་སེལ་བའི་ཆེད་དུ་འཐུང་།
ངས་ར་བཟི་སྐྱོ་གོང་ཤོད་གིས་མ་གསུངས།
མཆོད་ཆང་བཞེས།
གྲོགས་པོ།
སེམས་འདི་སྨྱོ།
ངས་སྨྱོ་ཆུ་འཐུང་བས་སྨྱོ།
ང་སྨྱོན་པའི་སེམས་འདི་སྐྱིད་པ་ལ།
སེམས་སྡུག་བསྔལ་བརྗེད་པའི་སྐྱིད་པ་ལ།
མཆོད་ཆང་བཞེས།
གྲོགས་པོ།
སེམས་པ་སྐྱིད་པོ་མེད་ན་གྲོགས་པོ།
ཆང་འདི་བཞེས་རོགས་གནང་།
སེམསནད་ཆང་གིས་སེལ་ན་གྲོགས་པོ།
མཆོད་ཆང་གཙང་བཞེས་གནང་།
ཆང་འདི་འཐུང་།
ཞིམ་པོ་མེད་ཀྱང་འཐུང་།
སེམས་སྡུག་བསྔལ་སེལ་བའི་ཆེད་དུ་འཐུང་།
ངས་ཁྱེད་ལ་རྙོག་དྲ་ཤོད་གིས་མ་དགོངས།
ཐུགས་བསམ་བཞེས།
བུ་མོ།
སེམས་པ་སྨྱོ།
སེམས་ཁྱེད་ལ་ཆགས་པའི་སྨྱོ།
སེམས་རང་དབང་མེད་པའི་བརྩེ་དུང་དེས།
བུ་ང་ཡི་སེམས་འདི་སྨྱོན་པ་བཟོ།
ཐུགས་བསམ་བཞེས།
བུ་མོ།