ཕྱག་ལ་ཕེབས་སམ། ལྷ་སའི་འཁྲུག་གཞས།
ཕྱག་ལ་ཕེབས་སམ་ཕེབས་སམ།
ཨ་ཅག་ཆོས་སྒྲོལ་མ་ལགས།
རྡོ་རིང་ལྷ་སྲས་སྐུ་ཞབས།
ཨེ་མོ་རི་ལ།
ལགས་ལ་ཡོད་དོ་ཡོད་དོ་ལགས།
གནས་མོ་ཆང་ཞིམ་བག་གྲོ།
ཡང་སྐྱར་རི་ལ།
ལགས་ལ་ཡོད་དོ་ཡོད་དོ།
གནས་མོ་ཆང་ཞིམ་བག་གྲོ།
ཆང་གཅིག་འཐུང་ནས་ཡོང་ཡོད།
ར་གཅིག་བཟི་ནས་ཡོང་ཡོད།
ཨེ་མོ་རི་ལ།
ར་བཟི་སྐྱུར་འགོང་མེད་པའི།
དམ་བཅའ་ཞགས་ནས་ཡོང་ཡོད།
ཏླ་ལའི་ལ་མོའི་རྩེ་ནས།
ལྷ་བསངས་དགྲ་ལྷ་བཏང་ཡོད།
འདབ་ཆག་ཨོ་རོག་ནག་ཆུང་།
ཕྱེ་མར་བཞེས་ལ་ཕེབས་དང་།