བྷལ་ཀོབ་ཀྱི་བུ་མོ།
བྷལ་ཀོབ་གཞིས་ཆགས་ལ།
མཛེས་མ་མང་པོ་མཐོང་བྱུང་།
ཡིད་འཕྲོག་བུ་མོ་ནང་ནས།
མཛེས་ལྡན་ཁྱེད་རང་མཇལ་བྱུང་།
སེམས་པ་ཁྱེད་ལ་ཤོར་སོང་།
བུ་མོ་ཁྱེད་རང་མཐོང་དུས།
བུ་ངའི་ཡིད་དབང་བརླག་བྱུང་།
བུ་མོ་ཁྱེད་རང་མཐོང་དུས།
བྷལ་ཀོབ་ཀྱི་བུ་མོ་ལགས།
བུ་མོ་ཁྱེད་ཀྱི་ཞལ་རས་མཐོང་པའི་དང་པོའི་དུས་ནས།
གཞོན་པ་ང་ཡི་སམེས་པ་ཁྱེད་ལ་ཆགས་སོང་།
བུ་ཆུང་་ང་ཡི་སེམས་པ་ཁྱེད་ལ་ཤོར་སོང་།
བྷལ་ཀོབ་ཀྱི་གཞིས་ཆགས་ལ།
ང་ཡི་རྒྱུན་བློ་ལ་བུ་མོ་ཁྱེད་རང་འཆར་སོང་།
གཞོན་པ་ང་ཡི་སེམས་པ་ཁྱེད་ཀྱི་བཅོམ་སོང་།
བུ་ཆུང་ང་ཡིས་སེམས་པ་ཁྱེད་ཀྱི་བཅོམ་སོང་།
བྷལ་ཀོབ་ཀྱི་གཞིས་ཆགས་ལ།