བུ་མོ་ཚེ་རིང་མཚོ་མོ།
ང་ཡི་སྙིང་གི་བུ་མོ་ཚེ་རིང་མཚོ་མོ།
དབུ་སྐྲ་ཤང་ཤང་འོག་ནས།
སྤྱན་མིག་དཀྲི་ཀ་ཤིག་ཤིག།
བུ་ཆུང་ང་ལ་གཟིགས་ནས།
དགའ་བའི་འཛུམ་ཞིག་སྟོན་དང་།
ཞལ་རས་དེ་འདྲའི་མཛེས་པ་ལ།
བུ་མོ་ཚེ་རིང་ལྷ་མོ་ལགས།
བུ་ཆུང་ངའི་སེམས་རང་དབང་མེད་པ་ཁྱེད་ལ་ཤོར།
ང་ཡི་སྙིང་གི་བུ་མོ་ཚེ་རིང་མཚོ་མོ།
སྐུ་གཟུགས་ཙ་རིའི་སྨྱུག་མ།
སྐེད་པ་ལྡེམ་ལྡེམ་ཁྱུག་ཁྱུག
བུ་ཆུང་ང་ཡི་ཕྱོགས་ལ།
སེམ་སེམ་སེམ་ལ་ཕེབས་དང་།
སྐུ་གཟུགས་དེ་འདྲའི་ཡག་ཀ་ལ།
བུ་མོ་ཚེ་རིང་ལྷ་མོ་ལགས།
བུ་ཆུང་ངའི་སེམས་རང་དབང་མེད་པ་ཁྱེད་ལ་ཤོར།
ང་ཡི་སྙིང་གི་བུ་མོ་ཚེ་རིང་མཚོ་མོ།
ཞལ་རས་དཀར་གསལ་ཟླ་བ།
གསུང་སྐད་ཁུ་ཡུག་སྔོན་མོ།
བུ་ཆུང་ང་དང་མཉམ་དུ།
སྙན་པའི་གླུ་ཞིག་ལེན་དང
གསུང་སྐད་དེ་འདྲའི་སྙན་པ་ལ།
བུ་ཆུང་ངའི་སེམས་རང་དབང་མེད་པ་ཁྱེད་ལ་ཤོར།