བུ་མོ་མེ་ཏོག་འདྲ་བ།

བུ་མོ་མེ་ཏོག་འདྲ་བ་ག་ས་ག་ལ་འདུག་སྟེ།
རང་སེམས་སོང་བའི་མེ་ཏོག་སྙིང་སྡུག་ཁྱེད་རང་རེད་འདུག
ཉལ་དུས་རྨི་ལམ་གཏང་གི
ལང་དུས་བསམ་བློ་འཁོར་གྱི།
སྙིང་སྡུག་ལགས།
ཁྱེད་ང་ཡི་སྲོག་རྩ་ཡིན།
བསམ་རྒྱུ་ཁྱེད་ལས་མེད་ཀྱང་།
སྙིང་སྡུག་ཁྱེད་ཀྱིས་མ་ཤེས།
དྲན་རྒྱུ་ཁྱེད་ལས་མེད་ཀྱང་།
སྙིང་སྡུག་ཁྱེད་ཀྱིས་མ་ཤེས།
བུ་མོ་མེ་ཏོག་འདྲ་བའི།
ལན་གཅིག་ང་ལ་གསན་དང་།
ང་ནི་བླ་མ་དཀོན་མཆོག་ཁྱེད་རང་དྲན་ནས་བསྡད་ཡོད།