བོད་མིའི་རྒྱན་ཆ།
ང་བོད་ལ་དགའ་བའི་གླུ་བ་ཡིན།
ངས་ལེན་རྒྱུ་བོད་གླུ་དག་མ་ཡིན།
གཞན་མ་ཤེས་བོད་གླུ་བླངས་པ་ཡིན།
ངའི་སེམས་ན་བོད་ཀྱི་ལ་རྒྱ་ཡོད།
ང་བོད་ནས་སྐྱེས་པའི་གླུ་བ་ཡིན།
ངས་སྐེ་ལ་འདོདས་རྒྱུ་འཕྲེང་བ་ཡིན།
གཞན་གསེར་དང་གཡུ་བྱུར་མེད་པ་མིན།
ངའི་སེམས་ན་བླ་མའི་བཀའ་གསུང་ཡོད།
ང་བོད་ཁམས་ཡུལ་གྱི་གླུ་བ་ཡིན།
ངས་རྒྱབ་ལ་གོན་རྒྱུ་རས་འཕྲུག་ཡིན།
གཞན་སྲམ་ལྤགས་གཟིག་ལྤགས་མེད་པ་མིན།
གོང་བླ་མའི་ང་ཚོར་བཀའ་གསུང་ཡོད།