བོད་ཀྱི་ལོ་གསར།
བོད་ཟླ་དང་པོའི་ཚེས་པ་གཅིག
ཞོགས་པ་སྔ་པོ་ལངས་ཏེ།
གྱོན་གོས་ཟབ་མཆོར་གྱོན་ཏེ།
རྟེན་འབྲེལ་ཆེད་དུ་ཆུ་ཕུད་བླངས།
ང་ཚོ་བོད་ཀྱི་ལོ་གསར།
གྲོ་སོ་ཕྱེ་མར་ཆང་ཕུད་སོགས།
དཀོན་མཆོག་གསུམ་ལ་སྨོན་ལམ་འདེབས།
གསོལ་ཇ་གྲོ་མར་འབྲས་བསིལ་དང་།
ཆང་སྐོལ་གྲོ་ཐུགས་གསོལ་ཚིག་སོགས།
རོ་བརྒྱའི་བཅུད་དང་ལྡན་པའི།
ཟས་རིགས་སྣ་ཚོགས་ལོངས་སུ་སྤྱོད།
ང་ཚོ་བོད་ཀྱི་ལོ་གསར།
དགའ་སྐྱིད་འཛོམས་པའི་ལོ་གསར།
གཞས་དང་ཞབས་བྲོ་བརྒྱབ་ཀྱི་ཡོད།
ང་ཚོ་བོད་ཀྱི་ལོ་གསར།