ཨ་རོ་ཤ་ཉེ།
ཨ་རོ་ཤ་ཉེ་ཚོ།
ཕར་རི་མགོ་མཐོན་པོ་ཨེ་མཐོང་འདིག
དེ་མཐོང་ན་སེམས་ལ་ཅི་འདྲ་བསམ།
ངས་བསམ་བློ་མི་དྲན་རྒུ་དྲན་ཕ་ཡུལ་དྲན།
ངའི་རྟའུ་ཉེ་མཚོ་དགོན་པ་དྲན།
ངའི་སྐལ་བཟང་ཆོས་སྒྲོན་ཡིད་ལ་དྲན།
ལས་མི་ཡོང་རྒུ་ཡོང་།
བུ་ང་ཡི་མི་ཚེ་འདི་ནང་བྱུང་།
ངའི་ཕ་ཡུལ་ཕ་མ་ལུས་ལ་ཐེ།
ངའི་སྐལ་བཟང་ཆོས་སྒྲོན་ལུས་ལ་ཐེ།