ཨ་མའི་བུ།
གཟིམ་འཇགས་གནང་དགོས་བུ་ཆུང་ངའི།
ཨ་མའི་སེམས་ཀྱི་ནོར་བུ་ཁྱོད།
སེམས་ཆགས་པའི་རྟེན་ཡིན།
བལྟ་བའི་དེ་མིག་ཡིན།
གཟིམ་འཇགས་གནང་དགོས་ཨ་མའི་བུ།
མི་ཡུལ་ས་འདིར་ངེད་གཉིས་རེད།
སྐྱིད་སྡུག་བཤད་ས་ངེད་གཉིད་རེད།
སྐབས་རེ་དེ་ཉི་མ།
སྐབས་རེ་དེ་ཆར་པ།
གཟིམ་འཇགས་གནང་དགོས་ཨ་མའི་བུ།
རྨི་ལམ་རེད་མིག་འཁྲུལ་རེད།
ཉིན་མཚནཟེར་བ་སྣང་ཚུལ་རེད།
མི་ཚེ་ཟེར་བ་གཡོ་གཏམ་རེད།
སྦྲང་ཆར་དཀྱིལ་གྱི་འཇའ་ཚོན་འདྲ།
བལྟ་སྣང་ལ་མཛེས་པ།
གཟུང་འགྲོ་ན་སྟོང་པ།
རླུང་འཚུབ་ནང་གི་ཤོག་སྙིགས་འདྲ།
དབྱར་དགུན་ཟེར་ཡང་དུས་གཅིག་རེད།
གསེར་དངུལ་ངོམ་ཡང་རྡུལ་ཕྲན་རེད།
དེ་རིང་དེ་རྒྱལ་པོ་སང་ཉིན་དེ་དབུལ་པོ།
འཇིག་རྟེན་ཟེར་བའི་ཆོས་ཉིད་རེད།
སྐུ་གཟིམ་གནང་བརྩེ་བའི་བུ།
ཕ་མ་ཟེར་བ་ཚེ་གཅིག་རེད།