ཨ་མ།
སྐྱོ་གདུང་གི་ཟླ་ངོ་འདི་ནས།
སེམས་ཁུང་ན་མིག་ཆུ་རྒུམ་བཞིན།
མ་ཁྱེད་ལ་བློ་རྩེ་གཏད་ཡོད།
མ་ཁྱེད་ལ་བློ་རྩེ་གཏད་ཡོད།
དྲན་གདུང་གི་རྩིག་ལྡེབས་ཤིག་ལ།
ཕྱིར་དྲན་གྱི་སྣ་བཉེན་འབྲི་བཞིན།
ཁེར་རྐྱང་གི་གྲིབ་གཟུགས་འོག་ནས།
རེ་སྒུག་གི་ཤ་ཆང་བཤམ་ཏེ།
མ་ཁྱེད་ལ་གླུ་ཞིག་བླང་ཡོད།
སྐྱོ་གདུང་གི་ཟླ་ངོ་འདི་ནས།
སེམས་ཁུང་ན་མིག་ཆུ་རྒུམ་བཞིན།
མ་ཁྱེད་ལ་བློ་རྩེ་གཏད་ཡོད།
མ་ཁྱེད་ལ་བློ་རྩེ་གཏད་ཡོད།
དྲན་གདུང་གི་རྩིག་ལྡེབས་ཤིག་ལ།
ཕྱིར་དྲན་གྱི་སྣ་བཉེན་འབྲི་བཞིན།
ཁེར་རྐྱང་གི་གྲིབ་གཟུགས་འོག་ནས།
རེ་སྒུག་གི་ཤ་ཆང་བཤམ་ཏེ།
མ་ཁྱེད་ལ་གླུ་ཞིག་བླང་ཡོད།