ཨ་མ།
ཁྱོའི་ལུས་ཟུངས་ཀྱི་དྭངས་མ་ང་རང་རེད།
ངའི་ལུས་ཕུང་གི་ཚེ་སྲོག་ཨ་མ་རེད།
ད་བུ་ཆུང་ངས་དྲིན་ལན་འཇལ་རྒྱུ་ཡིན།
ཁྱེད་ཡུན་རིང་བཞུགས་དང་ཨ་མ་ལགས།
ཁྱོའི་སྤྱན་མི་གིས་འཚོ་རྒྱུ་ང་རང་རེད།
ངའི་མིག་འབྲས་ཀྱི་མེ་ཏོག་ཨ་མ་ལགས།
ད་བུ་ཆུང་ངས་དྲིན་ལན་འཇལ་རྒྱུ་ཡིན།
ཁྱེད་ཡུན་རིང་བཞུགས་དང་ཨ་མ་ལགས།
ཁྱོའི་ཁ་ཡག་གིས་འབོད་ས་ང་རང་རེད།
ངའི་ཁ་ཐོག་གི་མ་ཎི་ཨ་མ་རེད།
ད་བུ་ཆུང་ངས་དྲིན་ལན་འཇལ་རྒྱུ་ཡིན།
ཁྱེད་ཡུན་རིང་བཞུགས་དང་ཨ་མ་ལགས།
ཁྱོའི་སེམས་ནང་གི་བསམ་རྒྱུ་ཡིན།
ངའི་སེམས་ཁུང་གི་ཟླ་བ་མ་རེད།
ད་བུ་ཆུང་ངས་དྲིན་ལན་འཇལ་རྒྱུ་ཡིན།
ཁྱེད་ཡུན་རིང་བཞུགས་དང་ཨ་མ་ལགས།
ཁྱོའི་སྙིང་ཁུང་གི་གཅེས་ཕྲུག་ང་རང་རེད།
ངའི་སྙིང་སྟེང་གི་ཉི་མ་ཨ་མ་རེད།
ད་བུ་ཆུང་ངས་དྲིན་ལན་འཇལ་རྒྱུ་ཡིན།
ཁྱེད་ཡུན་རིང་བཞུགས་དང་ཨ་མ་ལགས།
ཁྱོའི་ལག་ཟུང་གིས་སྐྱོར་རྒྱུ་ང་རང་རེད།
ངའི་ལག་ནང་གི་ནོར་བུ་ཨ་མ་རེད།
ད་བུ་ཆུང་ངས་དྲིན་ལན་འཇལ་རྒྱུ་ཡིན།
ཁྱེད་ཡུན་རིང་བཞུགས་དང་ཨ་མ་ལགས།