ཨ་མ་རྗེ་བཙུན་པདྨ་ལགས།

སྐྱིད་པའི་རང་ཡུལ་མི་ལ་ཤོར་སོང་།
མི་ཡུལ་ལུང་པར་སྐྱབས་བཅོལ་སླེབས་སོང་།
སྐྱེས་པའི་ཕ་མ་མཇལ་ས་མེད་ཀྱང་།
ཨ་མ་ཁྱེད་ཀྱིས་བྱམས་སྐྱོང་གནང་སོང་།
ཨ་མ་ལགས།
ཨ་མ་རྗེ་བཙུན་པདྨ་ལགས།
ཉམ་ཐག་བོད་ཕྲུག་བྱམས་སྐྱང་གནང་སོང་།
རིག་གཞུང་སྲོག་གི་རྩ་བ་བཙུགས་སོང་།
མ་འོངས་བོད་ཀྱི་སོན་རྩ་བཙུགས་སོང་།
ཁྱེད་ཀྱི་བཀའ་དྲིན་བརྗེད་ཐབས་མི་འདུག
ནམ་མཁའ་སྔོན་པོ་ཁ་རྒྱ་ཆེ་སོང་།
རླབས་ཆེན་མཛད་རྗེས་དེ་བས་ཆེ་སོང་།
ཁྱེད་ཀྱི་བཀའ་དྲིན་བརྗེད་ཐབས་མི་འདུག
ཨ་མ་ལགས།
ཨ་རྗེ་བཙུན་པདྨ་ལགས།