ཨ་མ་རྗེ་བཙུན་པདྨ།
ང་མི་ཡུལ་འགྲོ་བའི་སྐབས།
སེམས་སྐྱོ་བའི་དྭ་ཕྲུག་ཡིན་ན་ཡང་།
མ་བྱམས་སེམས་ཅན་གྱི་ཨ་མ་རྗ་བཙུན་པདྨས།
བརྩེ་བའི་མ་ལྟར་བྱམས་སྐྱོང་གནང་བྱུང་།
ཁོང་འཛམ་གླིང་འདི་ཡི་ཨ་མ།
དྲིན་ཆེ་བའི་ཨ་མ་ཁྱེད་རང་ཡིན།
བོད་ཁ་བ་ཅན་གྱི་བུ་ཕྲུག་ང་ཚོའི་མི་ཚེ།
བརྩེ་བའི་ཡུམ་ཆེན་ཁྱེད་ཀྱིས་གནང་བྱུང་།
བུ་ཕྲུག་དོན་དུ་སྐུ་ངལ་འཛེམས་མེད་སྐྱོན་འཁན།
ཨ་མ་རྗེ་བཙུན་པདྨ།
དུས་ནམ་ཡང་འརྗེད་ཐབས་མེད་པས།
ཁྱེད་ལ་གུས་འདུད་ཞུ།
ཁྱེད་བཀའ་དྲིན་ཅན་གྱི་མ།
བུ་ཕྲུག་ཡོངས་ཀྱི་བརྩེ་བའི་མ།
ཨ་མ་རྗེ་བཙུན་པདྨ།
བུ་ཕྲུག་དོན་དུ་སྐུ་ངལ་འཛེམས་མེད་སྐྱོན་འཁན།
ཨ་མ་རྗེ་བཙུན་པདྨ།
དུས་ནམ་ཡང་འརྗེད་ཐབས་མེད་པས།
ཁྱེད་ལ་གུས་འདུད་ཞུ།
ཁྱེད་བཀའ་དྲིན་ཅན་གྱི་མ།
བུ་ཕྲུག་ཡོངས་ཀྱི་བརྩེ་བའི་མ།
ཨ་མ་རྗེ་བཙུན་པདྨ།
ཁོང་གངས་ཅན་ཡུལ་དུ་ཕེབས་པ།
བོད་ཁ་བ་ཅན་གྱི་བསོད་ནམས་ཡིན།
དུས་ད་ལྟ་བར་དུ་ཨ་མ་བཙུན་པདྨས།
བོད་ཕྲུག་མང་པོར་ཁྱེད་ཀྱིས་གཟིགས་བྱུང་།
ཁོང་འཛམ་གླིང་འདི་ཡི་ཨ་མ།
དྲིན་ཆེ་བའི་ཨ་མ་ཁྱེད་རང་ཡིན།
བོད་ཁ་བ་ཅན་གྱི་བུ་ཕྲུག་ང་ཚོའི་མི་ཚེ།
བརྩེ་བའི་ཡུམ་ཆེན་ཁྱེད་ཀྱིས་གནང་བྱུང་།
ཨ་མ་ཁྱེད་ཀྱི་བསམ་དོན་རེ་བ།
འགྲུབ་པའི་དོན་དུ་བུ་ཕྲུག་ང་ཚོས།
དུས་ནམ་ཡང་འརྗེད་ཐབས་མེད་པས།
ཁྱེད་རང་དྲན་ཡོད།
ཁྱེད་སྐུ་ཚེ་ཡུན་རིང་བརྟན།
བོད་གངས་ཅན་ལྗོངས་ཀྱི་མ།
ཨ་མ་རྗེ་བཙུན་པདྨ།
ཨ་མ་ཁྱེད་ཀྱི་བསམ་དོན་རེ་བ།
འགྲུབ་པའི་དོན་དུ་བུ་ཕྲུག་ང་ཚོས།
དུས་ནམ་ཡང་འརྗེད་ཐབས་མེད་པས།
ཁྱེད་རང་དྲན་ཡོད།
ཁྱེད་སྐུ་ཚེ་ཡུན་རིང་བརྟན།
བོད་གངས་ཅན་ལྗོངས་ཀྱི་མ།
ཨ་མ་རྗེ་བཙུན་པདྨ།