ཨ་མ་དྲན་གླུ།
ནུས་མེད་ཉམས་ཆུང་ལུས་པོ།
ཟང་ཟིང་འཚོ་བ་འཁྱམ་ཀྱང་།
སླད་མོད་གདུང་བའི་སེམས་པ།
ཨ་མ་ཁྱེད་ལ་ཆགས་ཡོད།
འདི་འདྲའི་ལས་དབང་བཅན་པོ།
མ་ཁྱེད་གང་དུ་མེད་ཀྱང་།
ཨ་མས་གསུང་བའི་བསླབ་བྱ།
སྙིང་ལ་རི་མོ་བརྐོས་ཡོད།
ཨོ་་་་མ་ཁྱེད་བུ་ཕྲུག་དོན་དུ།
ཨོ་་་་འགྲོམ་པའི་ཆུལ་དེ་མཐོང་དུས།
ཁོག་ཏུ་ཞུགས་པའི་སྡུག་བསྔལ།
རི་རབས་ལས་ཀྱང་ལྗིད་བ།
སྐར་ཚོགས་རྣམ་པར་བཀྲ་བའི།
མཆན་གུང་མཁའ་ལ་བལྟ་དུས།
ཟླ་བའི་ནང་གི་ལྷ་མོ།
ཨ་མ་ཁྱེད་དང་ནོར་སོང་།
དགའ་བའི་སེམས་ཀྱི་མྱོང་ནས།
དྲན་པའི་ཡུལ་དང་བཅས་ཏེ།
ཨ་མ་ཨ་མ་འབོད་ཀྱང་།
བསམ་པའི་རེ་བ་མ་འགྲུབ།
ཨོ་་་་བརྩེ་བ་ཅན་གྱི་ཨ་མ།
ཨོ་་་་ང་ལ་ལན་གཅིག་གནང་རོག
གྲང་ངར་དགུན་གྱི་མཚན་མོ།
བུ་ངས་ཨ་མ་བསྒུག་ཡོད།
ཨོ་་་་བརྩེ་བ་ཅན་གྱི་ཨ་མ།
ཨོ་་་་ང་ལ་ལན་གཅིག་གནང་རོག
གྲང་ངར་དགུན་གྱི་མཚན་མོ།
བུ་ངས་ཨ་མ་བསྒུག་ཡོད།
བུ་ངས་ཨ་མ་བསྒུག་ཡོད།
བུ་ངས་ཨ་མ་བསྒུག་ཡོད།