ཨ་མ།

ཚེ་སྔོན་ལས་ཀྱིས་འབྲེལ་བའི།
ང་ཡི་དྲུན་ཆེན་ཨ་མ།
བུ་ང་བསོད་བདེ་དམན་པས།
ཞལ་རས་མཇལ་རྒྱུ་མི་འདུག
ཐག་རིང་ས་མཐར་འཁྱམས་ནས།
སྐྱིད་སྡུག་སྣ་ཚོགས་མྱོང་དུས།
ནུ་ཞོ་སྟེར་བའི་ཨ་མ།
ང་ནུ་ཁྱེད་རང་དྲན་གི
རང་གི་སྙིང་ལ་སྡུག་པའི།
སྤུན་ཟླ་མཛའ་གྲོགས་མང་ཡང་།
ནུ་ཞོ་སྟེར་བའི་ཨ་མ།
ང་ནི་ཁྱེད་རང་དྲན་གི
ནང་པའི་གཞུང་དང་འབྲེལ་ན།
འགྲོ་ཀུན་ཕ་མར་གསུངས་ཀྱང་།
རང་ཉིད་སྐྱེད་པའི་ཕ་མ།
དྲིན་ཅན་ཁོ་ནར་གསུངས་འདུག
ནུ་ཞོ་སྟེར་བའི་ཨ་མ།
ང་ནི་ཁྱེད་རང་དྲན་གི