ཨ་ཇོ་བསོད་ནམས་སྟོབས་རྒྱལ།

ཨ་ཇོ་བསོད་ནམས་སྟོབས་རྒྱལ།
བསོད་ནམས་མི་འདུག་མ་གསུངས།
ཨ་ཇོའི་ལག་པ་གཉིས་དེ།
རིན་ཆེན་གསེར་ལས་ལྷག་པ།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།
བསོད་ནམས་མི་འདུག་མ་གསུངས།
ཨ་ཇོའི་རྩིས་དང་རིག་པ།
སྨྱུ་གུའི་རྩེ་ལས་རྣོ་བ་ལ།
ཚོང་ཟོག་སྣེ་མང་སྤེལ་ནས།
གྲོང་ཚེའི་བློ་ཡིད་ཁེངས་སོང་།
འདི་འདྲའི་ཨ་ཇོའི་ལྷག་བསམ།
བསོད་ནམས་མི་འདུག་མ་གསུངས།