ཨ་ཅག་ཆོས་སྒྲོན།

ཨ་ཅག་ལགས།
ཁྱོད་ཡག་པོ་ཞེ་དྲག་རེད།
ཁྱོད་ཀྱི་རྒྱབ་ལ་བལྟས་ན།
རྒྱབ་གཟུགས་ཡག་པོ་རེད།
ཁྱོད་ཀྱི་མདུན་ལ་བལྟས་ན།
མདུན་གཟུགས་ཡག་པོ་རེད།
ཞལ་རས་དཀར་གསལ་ཟླ་བ།
སྐུ་གཟུགས་ཙ་རིའི་སྨྱུག་མ།
འཇུ་གུའི་སྟེང་ཀ་ཙོག་ཙོག
ཨུ་ལེ་སྐུ་གཟུགས་བདོག་པ།
ཨ་ཅག་ལགས།
ཁྱོད་ཀྱི་ཐུགས་གཤིས་གང་འདྲ་ཡིན་ནམ།
ཐུགས་གཤིས་གང་འདྲ་ཡིན་ནམ།
བུ་ཆུང་ལགས།
ཚེ་རིང་ཁྱོད་ཡག་པོ་ཞེ་དྲག་རེད།
ཁྱོད་ཀྱི་རྒྱབ་ལ་བལྟས་ན།
རྒྱབ་གཟུགས་ཡག་པོ་རེད།
ཁྱོད་ཀྱི་མདུན་ལ་བལྟས་ན།
མདུན་གཟུགས་ཡག་པོ་རེད།
དབུ་སྐྲ་སེང་གེ་གཡུ་རལ།
སྐུ་གཟུགས་འབྲོང་ཆུང་དར་མ།
འཇུ་གུའི་སྟེང་ཀ་ཙོག་ཙོག
ཨུ་ལེ་སྐུ་གཟུགས་བདོག་པ།
བུ་ཆུང་ལགས།
ཁྱོད་ཀྱི་ཐུགས་གཤིས་གང་འདྲ་ཡིན་ནམ།
བུ་ཆུང་ལགས།
ཁྱོད་ཀྱི་ཐུགས་གཤིས་གང་འདྲ་ཡིན་ནམ།
བུ་ཆུང་ཚེ་རིང་།