ཨ་ཅ་ལགས།
གཡས་ཀྱི་ཕྱོགས་ནས་བལྟས་པས།
ཨ་ཅ་ལགས།
འདི་འདྲའི་རྣམ་པ་ཡག་ག
ཨ་ཅ་ལགས།
གཡས་ཀྱི་ཕྱོགས་ནས་བལྟས་པས།
ཨ་ཅ་ལགས།
འདི་འདྲའི་རྣམ་པ་ཡག་ག
ཨ་ཅ་ལགས།
མདུན་གྱི་གསེར་འདི།
འོད་ཆེམ་ཆེམ།
ཨ་ཅ་ལགས།
ཞལ་རས་འདི་དང་ལེན་པ་ལ་ནི།
ཨ་ཅ་ལགས།
དཀྱིལ་གྱི་བྱུ་རུ།
སྣུམ་རི་རི།
ཨ་ཅ་ལགས།
ན་བཟའ་འདི་ལྟར་ལེན་པ་ལ་ནི།
ཨ་ཅ་ལགས།
ཡ་འ་འ་འ།
འགྲོ་སོ་དོད་པ།
གཡུག་སོ་དོད་པ།
ཁྲབ་སོ་དོད་པ།
འོ་འོ་འོ་འོ།
ཨ་ཅ་མཛེས་མ་ལགས།
ཁྱེད་ཀྱི་སྤྱན་མིག་ཁྲ་གོར་གོར།
ཨ་ཅ་ལགས།
བུ་ངའི་ཡིད་དབང་འཕྲོག་སོང་།
ཨ་ཅ་ལགས།
ཁྱེད་ཀྱི་བཞད་མོ་ཚེག་ཚེག།
ཨ་ཅ་ལགས།
བུ་ངའི་ཡིད་དབང་འཕྲོག་སོང་།
ཨ་ཅ་ལགས།