ཨ་ཕ།

དྲིན་ཆེན་ཨ་ཕ།
ཁྱེད་ང་ཡི་མི་ཚེ།
དྲིན་ཆེན་ཨ་ཕ།
ཁྱེད་དང་ཡི་བདེ་སྡུག
མཚན་མོའི་རྨི་ལམ།
ཨ་ཕ་རྨིས།
དྲིན་ཆེན་ཨ་ཕ།
ཁྱེད་རང་།
ཁྱེད་ང་ཡི་སྲོག་རྩ།
ཨ་ཕ།
ཁྱེད་ང་ཡི་མི་ཚེ།
དྲི་ཆེན་ཨ་ཕ།
ཁྱེད་ང་ཡི་བདེ་སྡུག
མིག་ཆུ་ཤོར་བཞིན།
ཨ་ཕ་དྲན།
དྲིན་ཆེན་ཨ་ཕ།
ཁྱེད་རང་།
ཁྱེད་ང་ཡི་སྲོག་རྩ།
ཨ་ཕ་་ང་ཡི་མི་ཚེ།
ཆུང་དུས་བྱམས་སྐྱོང་ཁྱེད་ཀྱིས་གནང་བྱུང་།
ཨ་ཕ་ང་ཡི་མི་ཚེ།
མི་ཚེའི་མདུན་ལམ་ཁྱེད་ཀྱིས་གནང་བྱུང་།
ཨ་ཕ་ང་ཡི་སྲོག་རྩ།
མི་ཚེའི་མདུན་ལམ་ཁྱེད་ཀྱིས་གནང་བྱུང་།
ས་ཐག་རྒྱང་དགོས་བྱུང་ཡང་།
ཕ་བུའི་བརྩེ་སེམས་ནམ་ཡང་བརྗེད་ཐབས་མེད།