ཁྲུང་ཁྲུང་དཀར་མོ།

འགྲོ་ཞོར་ལམ་བུའི་སྙིང་ཐུབ།
ལུས་དྲི་ཞིམ་པའི་བུ་མོ།
གཡུ་ཆུང་གྲུ་དཀར་བརྙེད་ནས།
སྐྱུར་བ་དེ་དང་འདྲ་བྱུང་།
བྱ་དེ་ཁྲུང་ཁྲུང་དཀར་མོ།
ང་ལ་གཤོག་རྩལ་གཡར་དང་།
ཐག་རིང་འསྐྱངས་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།
བྱ་དེ་ཁྲུང་ཁྲུང་དཀར་མོ།
ང་ལ་གཤོག་རྩལ་གཡར་དང་།
ཐག་རིང་འསྐྱངས་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།
སྙིང་ཐུབ་ཡིད་འཕྲོག་ལྷ་མོ།
རྔོ་ན་བ་རང་གིས་ཟིན་ཀྱང་།
དབང་ཆེན་མི་ཡི་དཔོན་པོ།
ནོར་བཟང་རྒྱལ་བུས་འཕྲོགས་སོང་།
བྱ་དེ་ཁྲུང་ཁྲུང་དཀར་མོ།
ང་ལ་གཤོག་རྩལ་གཡར་དང་།
ཐག་རིང་འསྐྱངས་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།