ལས་འཕྲོ།
དེ་སྔོན་བུ་མོ་བཙལ་ཀྱང་།
རྨི་ལམ་ནང་དུ་མ་གཏོགས།
དངོས་སུ་ཁྱེད་དང་མ་འཕྲད།
དེ་རིང་ཁྱེད་དང་མཇལ་བས།
བུ་ཆུང་སེམས་པ་དགའ་སོང་།
སེམས་པ་དགའ་སོང་།
བུ་ཆུང་སེམས་པ་དགའ་སོང་།
སེམས་པ་དགའ་སོང་།
ལས་འཕྲོ་ཟེར་བ་ཨེ་ཡོད།
ལས་ལ་ཟློག་ཐབས་ཡོད་ན།
མཚོ་མོ་ཆུང་ཆུང་ནང་དུ།
ངང་ལ་ཁྱོ་ཤུག་བཞིན་དུ།
མི་ཚེ་མཉམ་དུ་སྐྱལ་འདོད།
མཉམ་དུ་སྐྱལ་འདོད།
མི་ཚེ་མཉམ་དུ་སྐྱལ་འདོད།
མཉམ་དུ་སྐྱལ་འདོད།
དེ་སྔོན་བུ་ཆུང་བཙལ་ཀྱང་།
རྨི་ལམ་ནང་དུ་མ་གཏོགས།
དངོས་སུ་ཁྱེད་དང་མ་འཕྲད།
དེ་རིང་ཁྱེད་དང་མཇལ་བས།
བུ་མོ་སེམས་པ་དགའ་སོང་།
སེམས་པ་དགའ་སོང་།
བུ་མོ་སེམས་པ་དགའ་སོང་།
སེམས་པ་དགའ་སོང་།
བུ་མོ་སེམས་པ་དགའ་སོང་།
སེམས་པ་དགའ་སོང་།
སེམས་པ་དགའ་སོང་།