རྒྱན་ཞིག་རེད།

ཚིག  རྐང་ཐང་ལམ།
དབྱངས།  བསྟན་འཛིན་ཀུན་དགའ།
ལེན་མཁན།  ཤེར་བསྟན།

སྤང་ལྗོངས་མེ་ཏོག་འདྲ་བའི་ཡང་སྟེང་ན།།
མེ་ཏོག་མགོ་ལྕོག་ལྡེམ་པའི་སྐྱེད་ཚལ་ཞིག །
ཅོ་ཀའི་མགྲིན་གླུ་འགུགས་པའི་རྩེད་ར་འདི། །
བུ་ཆུང་ང་ཡི་གདོད་མའི་ཕ་ས་རེད།།
ཨ་ལ་ཡེ་་་    ཨ་ལ་ནས་ཡེ་་་
ཨ་ལ་ཡེ་་་  
བུ་ཆུང་ང་ཡི་གདོད་མའི་ཕ་ས་རེད།།

མཐའ་ཡས་རྩྭ་ཐང་ཡངས་པོའི་ལྟོ་བ་ན།།
བག་ཡངས་རི་སྐྱེས་གར་ལ་རོལ་བའི་གནས།།
གྱི་ལིང་བང་རྩལ་ངོམས་པའི་རྩེད་ར་འདི།།
བུ་ཆུང་ང་ཡི་གདོད་མའི་ཕ་ས་རེད།།
ཨ་ལ་ཡེ་་་     ཨ་ལ་ནས་ཡེ་་་
ཨ་ལ་ཡེ་་་
བུ་ཆུང་ང་ཡི་གདོད་མའི་ཕ་ས་རེད།།

བཅུ་ཕྲག་རིག་གནས་དར་བའི་རྒྱ་མཚོ་ན།།
ན་ཆུང་གླུ་དང་གར་ལ་རོལ་བའི་གནས།།
རྒྱུད་དྲུག་པི་ཝང་འཁྲོལ་བའི་རྩེད་ར་འདི།།
བུ་ཆུང་ང་ཡི་གདོད་མའི་ཕ་ས་རེད།།
ཨ་ལ་ཡེ་་་     ཨ་ལ་ནས་ཡེ་་་
ཨ་ལ་ཡེ་་་
བུ་ཆུང་ང་ཡི་གདོད་མའི་ཕ་ས་རེད།།