ལྕང་མ་སྐྱིད་ས་ལ་ལོག་འགྲོ།
འབའ་གཞས།
ཚིག་དང་གདངས། དམངས་ཁྲོད།
ཤར་ཕྱོགས་སྤྲིན་པ་དཀར་པོ། ལུ་གུའི་བལ་ལས་འཇམ་བྱུང་།
འ་རེ་སོ་ཡ་ལ་ནི་ རྣམ་ལ་ཆང་གསོལ། ལྕང་མ་སྐྱིད་ས་ལ་(བྱུང་འོ་རེ་)ལོག་འགྲོ།
ང་ཚོ་བསམ་པ་མཐུན་ན། མི་རེའི་གོས་རེ་དྲུབ་ཆོག།
འ་རེ་སོ་ཡ་ལ་ནི་རྣམ་ལ་ཆང་གསོལ། ལྕང་མ་སྐྱིད་ས་ལ་(བྱུང་འོ་རེ་)ལོག་འགྲོ།
ང་ཚོ་ཡར་ཡར་འགྲོ་དུས། ཁ་བ་མར་མར་འབབ་བྱུང།
འ་རེ་སོ་ཡ་ལ་ནི་རྣམ་ལ་ཆང་གསོལ། ལྕང་མ་སྐྱིད་ས་ལ་(བྱུང་འོ་རེ་)ལོག་འགྲོ།
ཁ་བ་མར་མར་འབབ་ཀྱང། ང་ཚོ་བཀག་ཀྱང་མི་ཐུབ།
འ་རེ་སོ་ཡ་ལ་ནི་ རྣམ་ལ་ཆང་གསོལ། ལྕང་མ་སྐྱིད་ས་ལ་(བྱུང་འོ་རེ་)ལོག་འགྲོ།
གཞས་ར་བཀྲ་བཤིས་རྟགས་བརྒྱད། མ་འགྱུར་བདེ་མོ་བཞུགས་རོགས།