སྙིང་གཏམ།
ཁྱེད་རང་དང་པོ་མཐོང་བའི་སྐབས།
ཆུང་དུས་སྒང་ནས་མཐོང་བ་འདྲ།
ཚེ་སྔོན་བསགས་པའི་ལས་དབང་གིས།
ང་གཉིས་ཐུག་དགོས་བྱུང་ཡིན་འགྲོ།
བུ་ངའི་སེམས་ཀྱི་སྐད་ཆ་འདི།
ཁྱེད་ལ་བཤད་དགོས་བསམ་གྱི་འདུག
ཁྱེད་ཀྱི་མདུན་ནས་སླེབས་པ་ན།
སྙིང་གཏམ་རླུང་གིས་འཁྱེར་ནས་འདུག
ཁྱེད་རང་བྱུང་ན་ཁྱེད་པར་མེད།
མི་ཚེ་མཛའ་གྲོགས་བྱས་ན་འགྲིགས།
ང་ལ་བཙན་པོ་མ་གསུང་རོགས།
ང་ནི་ཁྱེད་ཀྱི་དགའ་རོགས་བསམ།
བུ་མོ་ཁྱེད་ཀྱི་ཞལ་རས་འདི།
གུས་ཡིན་ཡང་སེམས་ལ་འཆར།
ང་ལ་གཡུགས་ནས་མ་འགྲོ་རོགས།
ང་ནི་ཁྱེད་རང་བྲལ་ཐབས་མེད།
ཁྱེད་རང་དང་པོ་མཐོང་བའི་སྐབས།
ཡིད་ཆེས་ང་ཡི་སེམས་ལ་ཡོད།
ཁྱེད་ནི་གཞན་གྱི་མི་ཡིན་པ།
གཞན་གྱི་སྐད་ཆ་མ་ཉན་དང་།
མི་ཚེ་བསྐྱལ་རྒྱུ་དམ་བཅའ་ཡོད།