ཕ་­མ།

ཉམས་ཆུང་བུ་ངའི་སེམས་ནང་།
བསམ་རྒྱུ་ཕ་མ་ལས་མེད།
བུ་ང་ཡི་བརྩེ་བའི་ཡབ་ཡུམ་གཉིས་པོ།
ལ་ནི་ཡའེ་་་་་་་་ཡའེ་་་་་་་་་་་་ཡའི་དྲིན།
ཉམས་ཆུང་བུ་ངའི་སེམས་ནང་།
བསམ་རྒྱུ་ཕ་མ་ལས་མེད།
བུ་ང་ཡི་ཆུང་དུས་བྱམས་པའི་ཡབ་ཡུམ།
ལ་ནི་ཡའེ་་་་་་་་ཡའེ་་་་་་་་་་་་ཡའི་དྲིན་ཆེན་ཡིན།
དྲིན་ཆེན་ཕ་མའི་བརྩེ་སེམས།
རྟག་ཏུ་ཡིད་ལ་དྲན་བྱུང་།
དྲིན་ཆེན་ཕ་མའི་བརྩེ་སེམས།
རྟག་ཏུ་ཡིད་ལ་དྲན་བྱུང་།
བུ་ངའི་ཕ་མ་ང་ཡི་བརྩེ་བའི་ཡབ་ཡུམ་གཉིས།
བུ་ངའི་ཕ་མས་བཅངས་པའི་རེ་བ་ང་ཡི་བསྒྲུབ་མཆོག
ཉམས་ཆུང་བུ་ངའི་སེམས་ནང་།
བསམ་རྒྱུ་ཕ་མ་ལས་མེད།
བུ་ང་ཡི་ཆུང་དུས་བྱམས་པའི་ཡབ་ཡུམ།
ལ་ནི་ཡའེ་་་་་་་་ཡའེ་་་་་་་་་་་་ཡའི་དྲིན་ཆེན་ཡིན།
དྲིན་ཆེན་ཕ་མའི་བརྩེ་སེམས།
རྟག་ཏུ་ཡིད་ལ་དྲན་བྱུང་།
དྲིན་ཆེན་ཕ་མའི་བརྩེ་སེམས།
རྟག་ཏུ་ཡིད་ལ་དྲན་བྱུང་།
བུ་ངའི་ཕ་མ་ང་ཡི་བརྩེ་བའི་ཡབ་ཡུམ་གཉིས།
བུ་ངའི་ཕ་མས་བཅངས་པའི་རེ་བ་ང་ཡི་བསྒྲུབ་མཆོག
བྱམས་པའི་ཡབ་ཡུམ་གཉིས་པོ།
རྣམ་གཉིས་བཀའ་དྲིན་ཤིན་ཏུ་ཆེ།
དྲིན་ཆེ་བའི་ཕ་མའི་བཀའ་སློབ་གནང་བ།
ལ་ནི་ཡའེ་ཡའེ་ཡའེ་སེམས་ལ་བཅངས།
འཛམ་གླིང་འདི་ཡི་ནང་ལ།
སྐྱེ་འགྲོ་ཀུན་གྱི་དྲིན་ཆེན་ཕ་མ།
དྲོན་ཆེ་བའི་ཕ་མ་མ་དྲན་སེམས་ཅན།
སེམས་ཅན་ཡའེ་ཡའེ་ཡའེ་གཅིག་ཀྱང་མེད།
དྲིན་ཆེན་ཕ་མའི་བརྩེ་སེམས།
རྟག་ཏུ་ཡིད་ལ་དྲན་བྱུང་།
དྲིན་ཆེན་ཕ་མའི་བརྩེ་སེམས།
རྟག་ཏུ་ཡིད་ལ་དྲན་བྱུང་།
བུ་ངའི་ཕ་མ་ང་ཡི་བརྩེ་བའི་ཡབ་ཡུམ་གཉིས།
བུ་ངའི་ཕ་མས་བཅངས་པའི་རེ་བ་ང་ཡི་བསྒྲུབ་མཆོག