ལོ་­མ་­ལགས་­ཀྱི་­སིམ་­སིམ།

ལྕང་མ་ཡོམ་ཡོམ་མ་གནང་།
བྱེའུ་ཆུང་ཀླད་པ་ཁྱོམ་གྱིས།
ལྕང་མའི་ཐུགས་ལ་མེད་ན།
བྱེའུ་ཆུང་དགོངས་པ་ཞུས་ཆོག
ལོ་མ་ལགས་ཀྱི་སིམ་སིམ།
བྱེའུ་ཆུང་དགོངས་པ་ཞུས་ཆོག
ཛ་ལ་མིག་གིས་གདུང་སེམས་ལ།
ལྕང་མ་ཡོམ་ཡོམ་བྱེད་པ།
འབྱུང་བཞིང་རླུང་བུའི་ཁྲུལ་རེད།
བྱེའུ་ཆུང་ཐུགས་གཡེང་མ་གནང་།
ལྕང་རྩ་རྡོ་ལ་བཅོལ་ཡོད།
ལོ་མ་་་་་་།   ལྕང་རྩ་་་་་།  ཛ་ལ་་་་།
རི་མགོ་ཁ་བས་བཀག་ན།
ལ་གཤམ་སྐོར་ནས་ཡོང་ཆོག
ལ་གཤམ་ཆུ་མོས་བཀག་ན།
ཀོ་གྲུ་བཏང་ནས་ཡོང་ཆོག
ལོ་མ་་་་་་།   ལྕང་རྩ་་་་་།  ཛ་ལ་་་་།