Denshok

དྲན་ཤོག
ལ་ནི།
རང་ཡུལ་སེམས་ལ་དྲན་ཤོག
ཆོལ་གསུམ་སྤུན་ཟླ།
སྐྱིད་པའི་ཕ་ཡུལ་བོད་ལྗོངས་དྲན་ཤོག
བསིལ་ལྡན་གངས་ལྗོངས་ཕ་ཡུལ་དྲན་ཤོག
གཟིགས་དང་།
གཟིགས་དང་།
ཕ་ཡུལ་བོད་ལ་གཟིགས་དང་།
དགོན་སྡེ་ཁག་ལ་གཟིགས་དང་།
བྱིན་ཅན་དགོན་སྡེ་འདི་ལ་གཟིགས་དང་།
གཏོར་བཅོམ་ཚད་མེད་ཕོག་ནས།
ས་རོ་རྡོ་རོ་བཟོས་སོང་།
གདོད་མའི་ལྗོན་ཤིང་བཏུབས་ནས།
ཐལ་རྡུལ་རླུང་གི་ཞིང་ས།
སྐྱིད་པའི་གྲོང་ལ་གཟིགས་དང་།
གཡུ་ཞོང་གྲོ་མོ་ལ་གཟིགས་དང་།
ཤར་ཕྱོགས་ཀོང་ཡུལ་ཕྱོགས་ལ་གཟིགས་དང་།
གདོད་མའི་ལྗོན་ཤིང་སྡོང་པོ།
ཤར་ཕྱོགས་རྒྱ་ཡིས་འཁྱེར་སོང་།
མོ་ཊའི་ནང་ལ་འཁྱེར་སོང་།
བོད་མི་ཚང་མས་གཟིགས་དང་།
ལུས་སྲོག་གློད་པའི་དཔའ་བོ་དཔའ་མོ།
བོད་ནང་གི་དཔའ་བོ་དཔའ་མོ།
ལྔ་བཅུ་ང་དགུ་སེམས་ལ་དྲན་ཤོག
ང་ཚོ་ཚང་མས་དྲན་ཤོག
མི་ལོ་བཞི་བཅུ་ཞེ་དྲུག་འཁོར་སོང་།
མ་བརྗེད་སེམས་ལ་དྲན་ཤོག
མ་བརྗེད་དཔའ་བོ་དཔའ་མོ།
བསྟན་སྲིད་མི་རིགས་དོན་དུ།
སྙིང་སྟོབས་མེ་ལྕེར་གྱུར་སོང་།
དེ་ནི་བོད་རང་བཙན་ཆེད་དུ་ཡིན།
བྱས་རྗེས་ཅན་གྱི་མི་ལ།
དཔའ་བོར་འོས་ཀྱི་མཚན་བཟང་།
དཔའ་བོ་ཐུབ་བསྟན་དངོས་འགྲུབ།
རྒྱལ་གྱུར་ཅིག
ལོངས་ཤོག་བོད་མི།
བོད་ཡུལ་རྒྱ་ཡུལ་ལ་བསྒྲུར་སོང་།
ལོངས་ཤོག་བོད་མི་ཚོ།
ལོངས་ཤོག་སྤུན་ཟླ་ཚོ།

Please help Song-Tibet to transcribe above text by clicking here