བུ་­ངས་­ཨ་­མ་­སྒུག་­ཡིད།

ནུས་མེད་ཉམ་ཆུང་ལུས་པོ།
ཟང་ཟིང་འཚོ་བར་འཁྱམ་ཀྱང་།
ལྷད་མེད་དུངས་བའི་སེམས་པ།
ཨ་མ་ཁྱེད་ལ་ཆགས་ཡོད།
འདུ་བྲལ་ལས་དབང་བཙན་པོས།
མ་ཁྱེད་གམ་དུ་མེད་ཀྱང་།
ཨ་མས་གསུངས་བའི་བསླབ་བྱ།
སྙིང་ལ་རེ་མོ་བརྐོས་ཡོད།
མ་ཁྱེད་བུ་་ཕྲུག་དོན་དུ།
འོ་འོ་འོ་་་་
བགྲེས་པའི་ཚུལ་དེ་མཐོང་དུས།
ཁོག་ཏུ་ཞུགས་པའི་སྡུག་བསྔལ།
རི་རབ་ལས་ཀྱང་ལྕི་བ།
སྐར་ཚོགས་རྣམ་པར་བཀྲ་བའི།
མཚན་གུང་མཁའ་ལ་བལྟ་དུས།
ཟླ་བའི་ནང་གི་ལྷ་མོ།
ཨ་མ་ཁྱེད་དང་ནོར་སོང་།
དགའ་བའི་སེམས་ཀྱི་མྱོས་ནས།
དྲན་པའི་ཡུས་དང་བཅས་ཏེ།
ཨ་མ་ཨ་མ་འབོད་ཀྱང་།
བསམ་པའི་རེ་བ་མ་འགྲུབས།
འོ་འོ་འོ་་་་
བརྩེ་བ་ཅན་གྱི་ཨ་མ།
འོ་འོ་འོ་་་་
ང་ལ་ལན་ཅིག་གནང་རོགས།
གྲང་ངར་དགུན་གྱི་མཚན་མོར།
བུ་ངས་ཨ་མ་སྒུག་ཡོད།
འོ་འོ་འོ་་་་
བརྩེ་བ་ཅན་གྱི་ཨ་མ།
འོ་འོ་འོ་་་་
ང་ལ་ལན་ཅིག་གནང་རོགས།
གྲང་ངར་དགུན་གྱི་མཚན་མོར།
བུ་ངས་ཨ་མ་སྒུག་ཡོད།
བུ་ངས་ཨ་མ་སྒུག་ཡོད།